[653A]༄༅། །ཤ་ གོང་མ་ ༄༅། །དཔལ་འཁོར་ལོ་བདེ་མཆོག་གི་སྔགས་རིན་ཆེན་རྣམ་པ་བཞི་འདོན་ཚུལ་བཞུགས་སོ།། །། [000] [655A]༄༅། །སྒོ་གསུམ་དག་པར་བྱ་བ་དག་པ་གསུམ་ལྡན་གྱི་རྣམ་འབྱོར་ནི། ༄༅། །ཤྲཱི་ཧེ་རུ་ཀཿ་ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་ རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང། ཤྲཱི་ ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ་སྙམ་དུ་བསམ་པས་ཡིད་དག་པར་བྱེད་པའོ། །སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་ གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱངས་ཀྱིས་བཞུགས་པ་ལ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། སེམས་ཅན་ཐམས་ཅད་ལ་ཕན་ བདེའི་སེམས་ཀྱིས། ཤྲཱི་ཧེ་རུ་ཀོ་ཉཧམ། ལན་གསུམ་བརྗོད་དེ། སྐུའི་ང་རྒྱལ་བཟུང་བ་ནི་ལུས་དག་པར་བྱེད་པའོ། །ཨོཾ་ཨ་ཨཱ་ཨི་ཨཱུ་ཨུ་ཨཱུ། རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་ དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་བརྗོད། རང་གི་ལྟེ་བའི་ཕྱོགས་སུ་སྔགས་ཕྲེང་འོད་ཟེར་ལྔ་དང་བཅས་པ་ [656B] རང་གི་སྣ་བུག་གཡོན་པ་ནས་ ཞུགས་ཏེ་ལྟེ་བའི་སྔགས་འཕྲེང་ལ་ཐིམ་པར་གྱུར། དེས་ངག་དག་པར་བྱེད་ལ། དག་པ་གསུམ་གྱི་རྣལ་འབྱོར་བྱ། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ ལྡན་པར་གྱུར་ཅིག་སེམས་ཅན་ཐམས་ཅད་ཐོབ་ཟིན་པའི་བདེ་བ་བརྟན་པར་གྱུར་ཅིག་སེམས་ཅན་ཐམས་ཅད་ཡིད་དེ་བཞིན་ཉིད་ལ་རོ་གཅིག་ཏུ་གནས་པར་གྱུར་ཅིག་ཅེས་ཚད་མེད་བཞི་བསྒོམས། ཕཻཾ། རང་གི་ ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་དབང་ལྷ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་ གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་ལྔས་ ཕྱག་གཡོན་པའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཨོ་སརྦ་ཏ་ཐཱ་ག་ཏ་ ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས། རང་དང་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར། སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ [657A]༄༅། །ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཕག་མོ་ལ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི་ཕག་མོ་ལ་ཐིམ། དེ་དང་ཧེ་རུ་ཀ་སྙོམས་པར་ ཞུགས་པའི་བྱང་སེམས་ལྕེ་ལ་བཞག་པ་མྱངས་པ་ལས་གསང་བའི་དབང་ཐོབ། དེ་ནས་ཧེ་རུ་ཀས་ཕག་མོ་ཕྱག་རྒྱར་གནང་བ་ལ་སྙོམས་པར་ཞུགས་པས་རླུང་ཐིམ་པ་ལས། ལྷན་སྐྱེས་ཀྱི་བདེ་བ་མྱོང་བས་ཤེས་རབ་ཡེ་ཤེས་ ཀྱི་དབང་ཐོབ། དེ་ནས་ཧེ་རུ་ཀས་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱག་རྒྱ་དང་སྦྱར་བ་ལ་བརྟེན་ནས་ཐོབ་པའི་སྣང་བ་ཐོབ་པའི་ཡེ་ཤེས་དེ། འོད་གསལ་བར་སྒོམས་ཤིག་འོད་གསལ་དེ་ནི་སྣང་མཆེད་ཐོབ་གསུམ་གྱི་རྣམ་ཤེས་ རྣམ་པར་དག་པ་ཤེས་ཕྱིན་གྱི་ངོ་བོ་ཡིན་ལ། དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག་དེ་ལྟར་གཞན་གང་གི་ཡང་རང་བཞིན་དུ་མ་མཐོང་བ་ དེ་འོད་གསལ་མཐོང་བ་ཡིན་ནོ། །དེའི་ངོ་ན་རྒྱུ་འབྲས་གང་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་ཡབ་ཡུམ་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་མ་འདྲེས་ པ་སོ་སོར་སྣང་བ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག་དེ་འདྲ་བའི་ཀུན་རྫོབ་དང་དོན་དམ་འོད་གསལ་གཉིས་དབྱེར་མི་ཕྱེད་པར་ཟུང་དུ་འཇུག་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་དབང་བཞི་པའོ། །ཞེས་དོན་གྱི་ དབང་བཞི་པ་བསྟན་པའི་དོན་གོ་བ་ལས་ཚིག་གི་སྒོ་ནས་དབང་བཞི་པ་ཐོབ། དབང་གི་ལྷ་རྣམས་རང་ལ་ཐིམ་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏི་ [658B] ཤྲཱི་ཧེ་རུ་ཀ་པཱ་ཏྱཾ་པྲ་ཏིཙྪ་ཧཱུཾ་སཱཧཱ། ཨོཾ་བྫྲ་བཥྤེ་ཨོཾ་ཧཱུཾ་སཱྷཱ། པུཥྤེའི་གནས་སུ་དྷཱུ་པེ། དའི་པེ། གནྡྷེ། ནྭཻ་ཝི་ཏྱཻ། ཨོཾ་བྫྲ་ཤཔྟ་ཨཱ་ཧཱུཾ་སཱཧཱ། ཨོཾ་བྫྲ་ཝཱི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་ཝམ་ཤེ་ཧཱུཾ་ཧཱུཾ་ ཕཊ། ཨོཾ་བྫྲ་མྲྀ་དགེ། ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་ཧཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་ལཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་གའི་རྟི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་ནྲི་ཏྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ་ ཨོཾ་བྫྲ་དྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་དའི་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྫྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་བྫྲི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ར་ས་བྫྲི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤྲཤ་བྫྲི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷརྨ་དྷ་ཏུ་བྫྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་ དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བསྐལ་བ་ཆེན་པོའི་མེ་དང་མཉམ་པའི་འོད་ཧཱུཾ་ཧཱུཾ་ཕཊ། ཨོཾ་རལ་པའི་ཅོད་པཎ་མི་བཟང་པ་དང་ལྡན་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཆེ་བ་རྣམ་པར་གཙིགས་པ་ འཇིགས་པའི་ཞལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧཱུཾ་ཧཱུཾ་ཕཊ། ཨོཾ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཾ་ག་འཛིན་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྟག་གི་ཕགས་པའི་ན་བཟའ་འཛིན་པ་ཅན་ཧཱུཾ་ཧཱུཾ་ ཕཊ། ཨོཾ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་འཕགས་མ་རིག་མའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧཱུཾ་ཧཱུཾ་ཕཊ་ ཨོཾ་འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་སྤྱན་ཧཱུཾ་ཧཱུཾ་ཕཊ། ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམ་པར་མཛོད་ཧཱུཾ་ [659A]༄༅། །ཧཱུཾ་ཕཊ། ཨོཾ་བདུད་རྣམས་སྐྲག་ཅིང་སྐེམ་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད་ཧཱུཾ་ཧཱུཾ་ ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རེ་ཤཱ་ཡ། མཧཱ་ཀལྤཱ་གྣིསམ་ནི་བྷཱ་ཡ། ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ། དཾཥྚ་ཀརཱ་ལོ་གྲ་བཧི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུཛ་བྷ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་རྒྱ་ཏ་ཤཱུ་ལ་ཁ་ཊྭཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛཱི་ནཱམྤ་ར་ དྷ་རཱ་ཡ། མཧཱ་དྷུམྤཱ་ནྡྷ་ཀཱ་རྭ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿ་ཧྲཿ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་ དཧི་རཱ་ནཱ་མཱ་ལཱ་བ་ལམ་བཧི་ནེ། གྲིཧན་གྲིཧན། སཔྟ་པཱ་ཏཱ་ལ་ག་ཏ་བཧུ་ཛམྒཱམ་སྡཱམ་བཱ་ཏྲྫ་ཡ། ཨཱ་ཀྚྟྱ་ཨྚྟྱ། ཧྲཱིཾ་ཧྲཱིཾ། ཛྞཽཾ་ཛྞཽཾ། ཀྵྨཱ་ཀྵྨཱ། ཧཱ་ཧཱ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི་ དཧི་ལི་དཧི་ལི་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་རྩ་སྔས་སམ་འཕྲེང་སྔགས། ཨོཾ་ན་མོ་བྷ་ག་ཝ་ཏི། བྫྲ་ཝཱ་རཱ་ཧཱི་པམ། ཨཱརྱ་ཨ་པ་ར་ཛི་ཏེ་ཏྲི་ལོ་ཀྱ་མཱ་ཏེ་བི་དཡེ་ཤྭ་རི། སརྦ་བཧུ་ཏ་བྷ་ཡེ་བ་ཧེ་མཧཱ་བྫྲེ། བྫྲཱ་ས་ནི་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཱ་ ཤྱཾ་ཀ་རེ་ནེ་ཏྲ། བཧྲམ་ཎི་ཤོ་ཥ་ཎི་རོཥ་ཎི་ཀྲོ་དཧི་ཀ་རཱ་ལིཎི། ཏྲཱས་ནི་མཱ་ར་ཎི་པྲ་བཧེ་ད་ནི་པ་རཱ་ཛ་ཡེ། བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་ཧ་ནི། བྫྲ་ཝཱ་རཱ་ཧཱི་མཧཱ་ཡོ་སུབྷ་ནི་བུམྦྷ། ཧ་ན་ཧ་ན། པྲཱ་ཎཱཾ། སརྦྦ་པྲ་ཏངྒེ། ཧ་ན་ཧ་ ན་པྲཱ་ཎཱཾ། ཀིཾ་ཀི་ནི། ཁིཾ་ཁི་ནི། དཧུ་ན་དཧུ་ན། བྫྲ་ཧསྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བྫྲཾ་ཁ་ཊཱཾ་ག་ཀ་པཱ་ལ་དྷཱ་རི་ནི། མཧཱ་པི་ཤི་ཏ། མཱ་སཱ་ས་ནི། མ་ནུ་ཥཱྣྟྲ་པྲ་བྲྀ་ཏེ་ས་ནི་དྡྱ་ན་ར་སི་ར་མཱ་ལ་གྲཾ་ཐི་ཏ་དྷ་ར་ཎི། སུམྦྷ་ནི་ [660B] ཧ་ན་ཧ་ན། པྲཱ་ཎཱཾ། སརྦྦ་པྲ་ཤཱ་བཱ་ནཱཾ། མཧཱ་མ་ན་སཙྪེ་ད་ནི། ཀྲོ་དྷ་མུརྟེ་དཾཥྚཱ་ཀ་རཱ་ལི་ནི། མཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ། དཡེ་སྱཱ་གྲ་མ་ཧི་ཥཱི། ས་ཧ་སྲ་ཤྲིརེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲཱ་ན་ནེ་ཛྭ་ལི་ཏ་ ཏེཛ་སེ། ཛྭ་ལ་མུ་ཁེ་སཾ་ག་ལ་ལོ་ཙ་ནེ། བྫྲ་ཤ་རི་རེ། བྫྲཱ་ས་ནི། མི་ལི་ཏ། ཙི་ལི་ཏ། ཧེ་ཧེ། ཧཱུཾ་ཧཱུཾ། ཁ་ཁ། དཧུ་རུ་དཧུ་རུ། མུ་རུ་མུ་རུ། ཨ་དྭེ་ཏེ། མཧཱ་ཡོ་གི་ནཱི། པ་ཋི་ཏ་སིདྡྷི། ཧྲེཾ་དྷཾ་ཏྲེཾ་དྷཾ། གྲཾ་གྲཾ་ ཧེ་ཧེ། ཧ་ཧ། བྷཱི་མེ། ཧ་ས་ཧ་ས་བའི་རེ། ཧཱ་ཧཱ། ཧེ་ཧེ། ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནྦཱ་ཤ་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ། པ་རི་ཝཱ་རི་ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རུ་པེ་ཁཿ་ག་ཛ་རུ་པེ་ལཿ། ཏྲཻ་ལོཀྱ་ཨུདྡྷ་རེ་ས་མུ་དྲ་མེ་ཁ་ ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བའི་རཱ་དྭེ་ཏེ་ཧཱུཾ་ཧཱུཾ། ཧ་ཧ། མཧཱ་པ་ཤུ་མོ་ཧ་ནི་ཡོ་གེ་ཤྭ་རཱི་ཏྭཾ། ཌཱ་ཀི་ནཱི་སརྦྦ་ལོ་ཀཱ་ནཾ་བནྡྷ་ནཱི་སྡྱ་པཏྱ་ཡ་ཀ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བཧུ་ཏ་ཏྲཱ་ས་ནི་མཧཱ་བའི་ར་པ་ར་མ་སིདྡྷི་ཡོ་གི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ ཕཊ་སཱཧཱ། ཡུམ་གྱི་རྩ་སྔགས་སམ་འཕྲེང་སྔགས། ཨོཾ་ཤྲཱི་བྫྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་ཝ་རཾ་སཱཧཱ། ཡབ་ཀྱི་སྙིང་པོ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང། ཨོཾ་བྫྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་སྙིང་པོ་ ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བྫྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཉེ་སྙིང། ཨོཾ་ཨོཾ་ཧ་ན་མ་ཧི། སཱ་ཧཱ་ཞུ། བཽཥ་ཊུ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་གོ་ཆའི་སྔགས། ཨོཾ་ཨོཾ་བཾ། ཧཾ་ཡོམ་ཧྲིཾ་མོམ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ ཕཊ་ཕཊ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་གོ་ཆའི་སྔགས། རྒྱུད་ལས་ས་སྟེང་འདི་ན་རིན་ཆེན་རྣམ་པ་བཞི་གསུངས་པའི་ཡབ་ཡུམ་གྱི་འཕྲེང་སྔགས་དང་པོ། ཡབ་ཡུམ་གྱི་སྙིང་པོ་གཉིས་པ། ཡབ་ཡུམ་གྱི་ཉེ་སྙིང་གསུམ་པ། ཡབ་གོ་ཆ་དྲུག་ཡུམ་གོ་ཆ་དྲུག་བཞི་པའོ། །འདི་ཡན་གྱིས་ [661A]༄༅། །རྫོགས་སོ། །འཁོར་རྣམས་ཞར་བྱུང་མ་ཆད་ཙམ་བྱེད་པ་ནི། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པུ་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། མཁའ་འགྲོ་མ་བཞིའི་སྔགས། ཨོཾ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ་ ཨོཾ་པྲ་ཙཎྜི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཎྜི་ཨཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པནྡྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་བ་ཏི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲཱས་ཡ་ཏྲཱས་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ནཱ་སེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་ བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བའི་ར་མ་ཊཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཿ་ཧྲཿ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྲུ་མ་ཙྪ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ ཕཊ་ཕཊ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཻ་རཱ་བ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཧཻ་ར་ཝཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ཙཱ་པ་ཙཱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དཧི་རཱནྟ་མཱ་ལཱ་བ་ལམ་བི་ནི་ཧཱུཾ་ ཧཱུཾ་ཕཊ། ཨོཾ་སུ་རཱ་བྷཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིརྞ་གྲིརྣ་སཔྟ་བཱ་ཏཱ་ལ་ག་ཏ་བཧུ་ཛཾ་གཾ་སརྦ་བཱ་ཏརྫ་ཡ་ཏརྫ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྱཱམཱ་དེ་ཝི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཊྚྷྱ་ཨཱཀ་ཊྚྷྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་ཏྲི་ཧཱུཾ་ཧཱུཾ་ཕཊ་ ཨོཾ་ཧྲིཾ་ཧྲིཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛྞཽཾ་ཛྞཽཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཨོཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙ་ཀྲ་བེ་གེ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱིཾ་ཧཱིཾ་ ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤོཎྜི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྨྨི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་བའི་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལེ་ཧཱུཾ་ཧཱུཾ་ ཕཊ། ཨོཾ་ཧི་ལི་ཧི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བདྷི་ནཱི་ཧཱུཾ་ཧཱུཾ་ཕཊ་ [662B] ཨོཾ་མཧཱ་བཱིརྱ་ཧཱུཾ་ཧཱུཾ་ཕཊ། དཔའ་བོ་ཉེར་བཞི་དང་དཔའ་མོ་ཉེར་བཞིའི་སྔགས། སྒོ་མཚམས་མ་བརྒྱད་ཀྱི་སྔགས། ཨོཾ་ཀཱ་ཀ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ ཀཱ་རཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དཧི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཌཱུ་ཏཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཌཾཥྚི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཧཱུཾ་ཧཱུཾ་ཕཊ། དཔྱིད་ཀྱི་རྒྱལ་པོའི་གླུ་བྱའོ། །མཁའ་འགྲོ་སྤྱི་གཏོར། ཚོགས་འཁོར། བདེ་མཆོག་ལཱུ་ ཧི་པའི་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །དེ་རྣམས་མ་ལྕོགས་ན་འདི་ལྟར། ༈ །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་ པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་ སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག་ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་ འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་ པར་ཤོག་གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ན། །འཆི་ཚེ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོའི་སྒྲ། །ངོ་མཚར་ལྟས་བཟང་མང་པོས་བསུ་བར་ཤོག་དེ་ནས་ [663A]༄༅། །འཆི་བའི་འོད་གསལ་ཟིན་མཛད་ཅིང། །ལམ་མཆོག་སྒྲུབ་པའི་རིག་པ་འཛིན་པའི་གནས། །རྣམ་དག་མཁའ་སྤྱོད་གནས་སུ་ཁྲིད་ནས་ནི། །ཟབ་མོའི་ལམ་འདི་མྱུར་དུ་མཐར་ཕྱིན་ཤོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ གསུང་རྒྱུན་བཀོད་པའོ།། །། [000]